09/08/2024
༉ ད་རིས་ ༧ སྐྱབས་རྗེ་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གི་ དགུང་ལོ་ ༧༠ བཞེས་པའི་ འཁྲུངས་སྐར་དགའ་སྟོན་གྱི་ཉིནམ་ལུ་ Nest Cafe ་གི་ཁ་ཐུག་ལས་ དད་དམ་ལྷོད་མེད་ཀྱི་སྒོ་ལས་ བཀྲ་ཤིས་བདེ་ལེགས་ཕུལཝ་ཨིན་ལགས། སྐྱབས་རྗེ་རིན་པོ་ཆེ་མཆོག་ མ་དག་འགྲོ་བ་ཀུན་གྱི་ཕྱིར་དུ་ སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ལམ་དང་ ཁྱད་དུ་འཕགས་པའི་ཆོས་འབྲེལ་མཛད་བྱ་ཚུ་ སྔར་ལས་ལྷགཔ་སྦེ་ ཕྱོགས་མཚམས་ཀུན་ལུ་དར་ཞིང་རྒྱས་པའི་ བཀྲ་ཤིས་སྨོན་ལམ་འབུམ་ཕྲག་སྦེ་ གུས་པའི་སྒོ་ལས་ཕུལཝ་ཨིན་ལགས། འཁྲུངས་སྐར་བཀྲ་ཤིས་བདེ་ལེགས་ལགས།
Today, on the most auspicious 70th birth anniversary of His Holiness the Je Khenpo, we would like to offer our collective prayers and good wishes for the long life, good health, and happiness of His Holiness. May His Holiness remain with us for a long time to turn the wheel of Dharma.